★ 三月份上師薈供時間是3月19日(星期二),時間上午08:00 開始,歡迎大眾一起來共修。3月16日格西拉應邀參加演講,歡迎有興趣者,可依下列網址https://reurl.cc/eL2l8x 報名參加。當天(星期六 14:00~16:00)課程-寶性論 -暫停一次,造成不便之處,敬請見諒。javascript:void(0)

2022年8月21日 星期日

རྒྱུན་ཆགས་གསུམ་པ་བཞུགས་སོ 三常誦

 

༄༅༎ རྒྱུན་ཆགས་གསུམ་པ་བཞུགས་སོ༎

三常誦

༄༅༎   སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་

ཞབས་སུ་ལྡན་པ།    བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ།    སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ།     བླ་ན་མེད་པ་ལྷ་དང་མི་རྣམས་ ཀྱི་སྟོན་པ།    སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༎    མཆོད་དོ༎    སྐྱབས་སུ་མཆིའོ༎

禮敬 供養 皈依 導師 世尊 如來 應供 正遍知 明行足 善逝 世間

調御丈夫 無上士 天人師 吉祥世尊 勝者 釋迦能仁 (三遍)

གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ༎                  ས་ཆེན་འདི་ལ་གོམ་པ་བདུན་བོར་ནས།།

ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས༎                དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ༎   

當汝二足中尊降生時             於此大地跨出七妙步

宣說於此世間我最尊         彼時具智世尊我禮敬

རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ༎              ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ༎   

གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ།།                     མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ༎   

具有清淨尊體最勝色              智慧大海猶如金須彌

美名令望顯赫於三界              怙主證得最勝我禮敬

མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ༎                     གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ༎   

རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས།།                  མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ༎   

勝相具足無垢月容顏             色如純金於汝我禮敬

三界無有如汝離塵者             無等智者於汝我禮敬

མགོན་པོ་ཐུགས་རྗེ་ཆེ་ལྡན་པ།།                                    ཐམས་ཅད་མཁྱེན་པས་སྟོན་པ་པོ༎   

བསོད་ནམས་ཡོན་ཏན་རྒྱ་མཚོ་ཞིང་།།                           དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ།།

我於大悲依怙尊           一切智慧說法者

福澤功德大海田           如來如去恭敬禮

དག་པས་འདོད་ཆགས་བྲལ་བར་གྱུར།།                          དགེ་བས་ངན་སོང་ལས་གྲོལ་ཞིང་།།

གཅིག་ཏུ་དོན་དམ་མཆོག་གྱུར་པ།།                               ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ།།

我於離欲之清淨           度脫惡趣之妙善

獨一最上之真實           寂滅正法恭敬禮

གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།།                               བསླབ་པ་དག་ལ་རབ་ཏུ་གནས།།

ཞིང་གི་དམ་པ་ཡོན་ཏན་ལྡན།།                                    དགེ་འདུན་ལ་ཡང་ཕྱག་འཚལ་ལོ།།

我亦於諸已度脫           指解脫道具福德

善住清淨學處者           聖田僧伽恭敬禮

སྡིག་པ་ཅི་ཡང་མི་བྱ་ཞིང་༎                                        དགེ་བ་ཕུན་སུམ་ཚོགས་པར་སྤྱད༎   

རང་གི་སེམས་ནི་ཡོངས་སུ་འདུལ༎                               འདི་ནི་སངས་རྒྱས་བསྟན་པ་ཡིན༎   

諸惡連一小罪皆莫做       眾善悉數圓滿盡奉行

自心己意時時遍調伏       如是佛陀教法精勤修

སྐར་མ་རབ་རིབ་མར་མེ་དང་༎                                   སྒྱུ་མ་ཟིལ་པ་ཆུ་བུར་དང་༎   

རྨི་ལམ་གློག་དང་སྤྲིན་ལྟ་བུ༎                                      འདུས་བྱས་ཆོས་རྣམས་དེ་ལྟར་ལྟ༎

如星翳障或燈火           如幻朝露或水泡

如夢閃電或雲彩           有為法應如是觀

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི༎           གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ༎

རྒ་དང་ན་དང་འཚི་བའི་རླབས་འཁྲུག་པའི༎                  སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

願諸有情能以此功德       證得佛果調伏過失賊

並且脫離輪迴大苦海       永出老病死浪之波盪