★ 三月份上師薈供時間是3月19日(星期二),時間上午08:00 開始,歡迎大眾一起來共修。3月16日格西拉應邀參加演講,歡迎有興趣者,可依下列網址https://reurl.cc/eL2l8x 報名參加。當天(星期六 14:00~16:00)課程-寶性論 -暫停一次,造成不便之處,敬請見諒。javascript:void(0)

2022年8月22日 星期一

ལམ་གྱི་གཙོ་བོ་རྣམ་པ་གསུམ། 三主要道


༄༅།།ལམ་གྱི་གཙོ་བོ་རྣམ་པ་གསུམ།།

《三主要道》

宗喀巴大師 造

仁欽曲札 譯

 

༄༅།། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།།

敬禮諸至尊上師﹗

.

རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།།  རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།།

སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།།  ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།།

一切佛經心要義,是諸菩薩所讚道,

有緣求解脫津梁,我今隨力而宣說。

 

གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།།  དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།།

རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།།  སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།།

於三有樂不貪著,為暇滿義而精進,

志依勝者所喜道,諸有緣者淨意聽。

 

རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།།  བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།།

སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།།  ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།།

無出離心無息滅,希求有海樂果法,

由貪有樂縛眾生,故先尋求出離心。

 

དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།།  ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག།

ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས།།  ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་ལྡོག།

暇滿難得壽無常,串習能除此生欲;

業果不虛輪迴苦,勤思消除後世貪。

 

དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།།  ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་།།

ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།།  བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།།

修已於輪迴盛事,不生剎那之希望,

晝夜唯求解脫心,起時是生出離心。

 

ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།།  ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།།

ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།།  བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།།

若無菩提心攝持,出離不成無上覺,

圓滿安樂之因故,智者應發菩提心。

 

ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།  བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།

བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།   མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།

四瀑流沖難阻止,業力繩索緊密繫,

投入我執鐵籠中,無明黑暗籠罩之。

 

མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།།  སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།།

གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།།   ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།།

無邊有中生又生,三苦逼迫常無斷,

諸母情狀與處境,思已發起殊勝心。

 

གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།  ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།

སྲིད་པའི་རྩ་བ་བཅད་པར་མི་ནུས་པས།།  དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།

不具通達真理慧,雖修出離菩提心,

不能斷除有根故,應勤通達緣起法。

 

གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།།  རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།།

དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།།  དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།།

能見輪涅一切法,從因生果皆不虛,

且能破諸所執境,彼入佛陀所喜道。

 

སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།།  སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།།

ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།།  ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།།

現相緣起不虛妄,離執空性二了解,

何時見為相違者,尚未通達佛密意。

 

ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།།  རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།།

ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན།།  དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།།

不復輪替而同時,甫見不欺緣起已,

普滅實執所執境,彼時見觀察圓滿。

 

གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།།  སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།།

རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།།  མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།།

又由現相除有邊,及由空性除無邊,

若知空性現因果,不為邊執見所奪。

 

དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།།  གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།།

དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།།  གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ།།

如是三主道諸要,子能如實通達時,

當依靜處起精進,速疾成辦究意願。

 

 

ཞེས་པ་འདི་ནི་མང་ཏུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་

ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།།

此是多聞比丘洛桑札巴貝(善慧名稱吉祥)為親侄擦廓阿旺札巴(語自在稱)所作的教誡。