★ 三月份上師薈供時間是3月19日(星期二),時間上午08:00 開始,歡迎大眾一起來共修。3月16日格西拉應邀參加演講,歡迎有興趣者,可依下列網址https://reurl.cc/eL2l8x 報名參加。當天(星期六 14:00~16:00)課程-寶性論 -暫停一次,造成不便之處,敬請見諒。javascript:void(0)

2022年8月22日 星期一

ཡོན་ཏན་གཞིར་འགྱུར་མ།功德本頌

 

ཡོན་ཏན་གཞིར་འགྱུར་མ།

《功德本頌》

 

རྗེ་ཙོང་ཁ་པ།

宗喀巴大師 著

法尊法師 譯

 

ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཆེན་རྗེ།  ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།

ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།  གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས།།

諸功德本謂恩師[1],如理依止是道基,善了知已多策勵,恭敬親近祈加持。

 

ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།  ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས།

ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ།  རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།།

偶一得此暇滿身,知極難得具大義,遍諸晝夜恒無間,生取堅心願加持。

 

ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན།  མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌།

ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན།  དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ།།

身命動搖如水泡,速疾壞滅當念死,死後如影隨於形,黑白業果恒隨逐。

 

ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས།  ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌།

དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ།  རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས།།

獲定解已於罪聚,雖諸小惡亦應除,勤修一切妙善聚,常不放逸祈加持。

 

སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ།  ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི།

ཉེས་དམིགས་རིག་ནས་ཐར་བའི་བདེ་བ་ལ།  དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས།།

受用無厭眾苦門,不可保信三有樂,見過患已當希求,解脫妙樂願加持。

 

རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི།  དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས།

བསྟན་པའི་རྩ་བ་སོ་སོར་ཐར་བ་ལ།  སྒྲུབ་པ་སྙིང་བོར་བྱེད་པར་བྱིན་གྱིས་རློབས།།

清淨意樂所引發,正念正知不放逸,聖教根本別解脫,修爲堅實祈加持。

 

རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ།  མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།

མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི།  བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས།།

如自沉沒三有海,慈母眾生悉如是[2],見已荷度眾生擔,修菩提心願加持。

 

སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ།  གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར།

ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ།  བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས།།

發心若不學三戒,當知定不證菩提,故應勤發大精進,學菩薩戒祈加持。

 

ལོག་པའི་ཡུལ་ལ་གཡེང་པ་ཞི་བྱེད་ཅིང༌།  ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡིས།

ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ།  མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།

散馳邪境令寂滅,如理觀察真實義,寂止妙觀雙運道,速當生起願加持。

 

ཐུན་མོང་ལམ་སྦྱང་སྣོད་དུ་གྱུར་བ་ན།  ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག །

སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར།  བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།།

善修共道成法器,乘中最勝金剛乘,諸善丈夫勝津梁,願速趣入祈加持。

 

དེ་ཚེ་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་གཞི།  རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ།

བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས།  སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་རློབས།།

爾時二種成就本,謂護淨律三昧耶,願獲真實決定解,捨命守護祈加持。

 

དེ་ནས་རྒྱུད་སྡེ་སྙིང་བོ་རིམ་གཉིས་ཀྱི།  གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།

ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར།  དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས།།

次正通達續部心,二次宗要善勤習,四座瑜伽不放漫,如師教修願加持。

 

དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌།  ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌།

ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས།  ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།།

願說如是妙道師,及正修伴堅固住,內外一切諸障礙,速疾息滅祈加持。

 

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།  བྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།  རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག།

願一切生不捨離,善師受用正法樂,圓滿道地諸功德,速證勝位金剛持。





[1] 依藏本或譯為「諸功德本具恩尊」。

[2] 依藏本或譯為「是母眾生悉如是」。