★ 三月份上師薈供時間是3月19日(星期二),時間上午08:00 開始,歡迎大眾一起來共修。3月16日格西拉應邀參加演講,歡迎有興趣者,可依下列網址https://reurl.cc/eL2l8x 報名參加。當天(星期六 14:00~16:00)課程-寶性論 -暫停一次,造成不便之處,敬請見諒。javascript:void(0)

2022年8月22日 星期一

བློ་སྦྱོང་ཚིགས་བརྒྱད་མ 修心八偈


བློ་སྦྱོང་ཚིགས་བརྒྱད་མ།

《修心八偈》

དགེ་བཤེས་གླང་རི་ཐང་པ།

朗日塘巴造

 

བདག་ནི་སེམས་ཅན་ཐམས་ཅད་ལ།    ཡིད་བཞིན་ནོར་བུ་ལས་ལྷག་པའི།

 དོན་མཆོག་སྒྲུབ་པའི་བསམ་པ་ཡིས།    རྟག་ཏུ་གཅེས་པར་འཛིན་པར་ཤོག 

我於虛空如母眾 視之猶勝如意寶

依彼能成究竟利 恆常心懷珍愛惜

 

གང་དུ་སུ་དང་འགྲོགས་པའི་ཚེ།    བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།

 གཞན་ལ་བསམ་པ་ཐག་པ་ཡིས།    མཆོག་ཏུ་གཅེས་པར་འཛིན་པར་ཤོག།

任與誰等會聚時 思己較諸他人卑

從心深處視眾生 恆常尊他為最勝

 

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།    རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག

བདག་གཞན་མ་རུངས་བྱེད་པས་ན།    བཙན་ཐབས་གདོང་ནས་བཟློག་པར་ཤོག

一切威儀觀自心 微惑尋生即覺察

惑仇唯令自他損 願速喝斥令消除

 

རང་བཞིན་ངན་པའི་སེམས་ཅན་རྣམས།    སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།

 རིན་ཆེན་གཏེར་དང་འཕྲད་པ་བཞིན།    རྙེད་པར་དཀའ་བས་གཅེས་འཛིན་ཤོག

秉性邪惡諸有情 思彼猛烈罪苦煎

對境如獲珍寶藏 難值修悲願珍惜

 

བདག་ལ་གཞན་གྱིས་ཕྲག་དོག་གིས།    གཤེ་བསྐུར་ལ་སོགས་མི་རིགས་པའི།

 གྱོང་ཁ་རང་གིས་ལེན་པ་དང༌།    རྒྱལ་ཁ་གཞན་ལ་འབུལ་བར་ཤོག

彼雖橫生嫉妒心 非理辱罵謗我等

盡其損腦我取受 願將利樂奉獻他

 

ང་ལ་བདག་གིས་ཕན་བཏགས་པའི།    རེ་བ་ཆེ་བ་གང་ཞིག་གིས།

 ཤིན་ཏུ་མི་རིགས་གནོད་བྱེད་ནའང༌།    བཤེས་གཉེན་དམ་པར་བལྟ་བར་ཤོག

我曾於彼利樂施 並與深心寄厚望

彼卻非理妄加害 願仍視為聖導師

 

མདོར་ན་དངོས་སམ་བརྒྱུད་པ་ཡིས།    ཕན་བདེ་མ་རྣམས་ཀུན་ལ་འབུལ།

 མ་ཡི་གནོད་དང་སྡུག་བསྔལ་ཀུན།    གསང་བས་བདག་ལ་ལེན་པར་ཤོག

直接間接諸利樂 願集奉獻如母眾

如母有情眾苦迫 我願暗中盡取受

 

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།    རྟོག་པའི་དྲི་མས་མ་སྦགས་ཤིང༌།

 ཆོས་ཀུན་སྒྱུ་མར་ཤེས་པའི་བློས།    ཞེན་མེད་འཆིང་བ་ལས་གྲོལ་ཤོག 

願此一切我所行 莫為八法所垢染

深觀諸法皆如幻 離執離繫得解脫