★ 三月份上師薈供時間是3月19日(星期二),時間上午08:00 開始,歡迎大眾一起來共修。3月16日格西拉應邀參加演講,歡迎有興趣者,可依下列網址https://reurl.cc/eL2l8x 報名參加。當天(星期六 14:00~16:00)課程-寶性論 -暫停一次,造成不便之處,敬請見諒。javascript:void(0)

2022年8月22日 星期一

དགའ་ལྡན་ལྷ་བརྒྱ་མ་བཞུགས་སོ 兜率百尊

 

༄༅། ། དགའ་ལྡན་ལྷ་བརྒྱ་མ་བཞུགས་སོ། །

 

兜率百尊

༄༅། ། ན་མོ་གུ་རུ་བྷྱཿ   

དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།།  རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར།།

ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས།།  སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།།

喜足天眾怙主心  涌如新酪白雲端  遍智法王善慧稱  願同弟子降此處

  

མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌།།  རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན།།

བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ།།  བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།།

空前獅座蓮月上  至尊師長含歡顏  願此信心勝福田  為宏聖教住百劫

  

ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས།།  སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང༌།།

གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ།།  མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ།།

遍量所知明慧意  嚴賢士耳善說語  名稱晃耀端嚴身  敬禮見聞念獲益

  

ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང༌།།  དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས།།

དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི།།  བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།།

悅意闋伽種種花  異香熏塗燈明等  實設意變供雲海  奉獻大師勝福田

  

གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི།།   ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང༌།།

ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས།།  སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།།

我從無始所積集  身語意起諸罪惡  特於三律違逆品  誠心重悔別懺除

 

སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།།  ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེད།།

མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།།  བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།།

於此濁世勤聞修  暇滿不空斷八法  依怙所創廣大業  我等至心作隨喜

  

རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས།།  ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས།།

ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ།།  ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ།།

至尊最勝諸師長  法身空布悲智雲  願於相稱所化地  降澍深廣正法雨

  

 

བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།།  བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།།

ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།།  བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག།

盡我所集諸善根  饒益正法及眾生  特願至尊善慧稱  聖教心要恆光顯

 

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །  བྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །  རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །

生生不離清凈師  恆時受用勝妙法  地道證德極圓滿  金剛持位速成辦

  

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།  

དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།  ཞེས་ལན་གསུམ། །

無緣悲藏觀自在  無垢智王妙吉祥  盡摧魔軍秘密主

雪域智嚴宗喀巴  善慧名稱前祈請

  

ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས།།  ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།།

རྒྱལ་བས་བསྔགས་པའི་ལམ་བཟང་འདི་ཉིད་ལས།།  སྐད་ཅིག་ཙམ་ཡང་བཟློག་པར་མ་གྱུར་ཅིག།

། །ཅེས་པ་འདི་ནི་འདུག་ནག་པ་དཔལ་ལྡན་བཟང་པོས་མཛད་པའོ། །། །

生生由勝宗喀巴  為作大乘知識力  願於佛所讚聖道  雖剎那頃不暫捨