༄༅།། ལམ་རིམ་སྨོན་ལམ་བཞུགས་སོ༎
菩提道次第廣論祈願文
དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི༎ མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས༎
བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན༎ རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག།
久勤所積福智二資糧 無限寬廣如空盡所有
為導愚癡蔽障慧眼眾 我願速得成就勝者王
དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང༌༎ འཇམ་དཔལ་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ༎
བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག། རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག།
未到彼位生生輪轉中 皆得文殊菩薩悲攝受
值遇顯密勝道全次第 無間修習令諸聖者喜
རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད༎ ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས༎
འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས༎ རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག།
我所實解殊勝道聯要 皆由猛利大悲引方便
無餘滅除眾生愚蒙心 長久住持法王聖者教
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ༎ ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི༎
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས༎ ཕན་བདེའི་གཏེར་ཏེ་གསལ་བར་བྱེད་པར་ཤོག།
諸凡佛陀聖教未被地 或雖已蒙被護復衰微
心為大悲所感極撼動 顯掦如是利樂法眼藏
སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས༎ ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌༎
ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌༎ རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག།
佛及佛子清淨希有業 圓具所成菩提道次第
祈賜益求解脫眾者心 永護勝者無邊大事業
ལམ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌༎ འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན༎
ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི༎ རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག།
成辦修道廣大妙順緣 及除違緣障礙人非人
願我生生世世不遠離 諸佛所讚圓滿清淨道
གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས༎ ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ༎
མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌༎ བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག།
若時如理精勤恆修習 最極勝乘道中十法行
爾時力士不捨常作伴 吉祥大海遍及廣十方