༄༅༎ གང་བློ་མ།།
文殊讚
བླ་མ་དང་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།
敬禮上師與怙主至尊妙吉祥
གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས།།
ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།།
誰之妙慧離二障雲 如日清淨極明朗
盡所有義如實見故 手執經卷於心間
གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི།།
འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།།
任誰墮入輪迴牢獄 無明暗覆苦所逼
憫諸眾生猶如獨子 具足六十妙音語
འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།།
མི་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།།
如大雷震醒煩惱夢 解開業力之鐵鎖
為除無明斷諸苦苗 高舉智慧妙寶劍
གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།
བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད།།
本來清淨究竟十地 功德圓滿最勝佛子身
百一十二相好莊嚴 除我愚闇頂禮妙吉祥
ཨོཾ་ཨཱ་ར་པ་ཙ་ན་དྷཱིཿ།།
嗡阿惹巴札那帝
བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས༎ བདག་བློའི་གཏི་མུག་མུན་པ་རབ་བསལ་ནས།།
བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི༎ བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ༎
具大悲尊以智慧光明 盡除我心愚癡諸黑暗
復請降賜智慧辯才明 令我通達佛語正論義