༄༅།། ཚད་མ་རྣམ་འགྲེལ།།
釋量論禮讚文
རྟོག་པའི་དྲ་བ་རྣམ་བསལ་ཅིང་༎ ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ།།
ཀུན་ཏུ་བཟང་པོའི་འོད་ཟེར་དག། ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།།
敬禮於具足 除滅分別網 甚深廣大身 遍放普賢光
༄༅།། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན།།
現觀莊嚴論禮讚文
ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་།།
འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།།
求寂聲聞由遍智 引導令趣最寂滅
諸樂饒益眾生者 道智令成世間利
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།།
ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ།།
諸佛由具種相智 宣此種種眾相法
具為聲聞菩薩佛 四聖眾母我敬禮
༄༅།། དབུ་མ་རྩ་ཤེས།།
中論禮讚文
གང་གིས་རྟེན་ཅིང་འབྲེལ་པར་འབྱུང་༎ འགག་པ་མེད་པ་སྐྱེ་མེད་པ།།
ཆད་པ་མེད་པ་རྟག་མེད་པ༎ འོང་བ་མེད་པ་འགྲོ་མེད་པ།།
不生亦不滅 不常亦不斷 不一亦不異 不來亦不出
ཐ་དད་དོན་མིན་དོན་གཅིག་མིན༎ སྤྲོས་པ་ཉེར་ཞི་ཞི་བསྟན་པ།།
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།། དམ་པ་དེ་ལ་ཕྱག་འཚལ་ལོ།།
能說是因緣 善滅諸戲論 我稽首禮佛
諸說中第一
༄༅།། དབུ་མ་ལ་འཇུག་པ།།
入中論禮讚文
ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས༎ སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་།།
སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་།། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ།།
聲聞中佛能王生 諸佛復從菩薩生
大悲心與無二慧 菩提心是佛子因
གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི།། ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ།
ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ༎
དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།།
悲性於佛廣大果 初猶種子長如水
長時受用若成熟 故我先讚大悲心