★ 六月份上師薈供時間是6月22日(星期六),時間上午10:00 開始,歡迎大眾一起來共修。6月2日起至6/16期間格西拉有其他行程安排,所有課程暫停,造成不便之處,敬請見諒。javascript:void(0)

2022年8月21日 星期日

ཞབས་བརྟན་གསོལ་འདེབས 西藏祖師祈請文

 

༄༅།། ཞབས་བརྟན་གསོལ་འདེབས།།

西藏祖師祈請文

ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ༎                 མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌༎   

མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས༎                 ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ༎   

俱胝圓滿妙善所生身       成滿無邊眾生希願語

如實觀見無餘所知意       於是釋迦尊主稽首禮

གྲོ་བའི་མགོན་པོ་པདྨ་འབྱུང་གནས་ཞབས ༎                བསྟན་པའི་མངའ་བདག་མཁན་ཆེན་ཞི་བ་འཚོ།།

གངས་ཅན་དཔའ་བོ་ཁྲི་སྲོང་ལྡེ་བཙན་མཆོག།                 མཁན་སློབ་ཆོས་གསུམ་ཞབས་ལ་གུས་ཕྱག་འཚལ།།

眾生怙主蓮花生足下       教法權威親教師寂護

雪嶺勇士赤松德贊王       親軌二師法王誠禮敬

ལུང་རྟོགས་མངའ་བདག་ཀུན་དགའ་སྙིང་པོ་དང་༎          བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་མཆོག

འཇམ་དབྱངས་ས་པཎ་ཆོས་རྒྱལ་འཕགས་པ་སྟེ༎              ས་སྐྱ་གོང་མ་རྣམ་ལྔར་གུས་ཕྱག་འཚལ།།

教證權威袞噶寧波足       索南澤摩札巴堅贊尊

文殊薩班法王八思巴       薩迦五祖吾等誠禮敬

ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད ༎             བཀའ་གདམས་བསྟན་པའི་མེས་པོ་མེས་པོ་འབྲོམ་སྟོན་རྗེ།

མཁྱེན་པའི་གཏེར་མངའ་ལེགས་པའི་ཤེས་རབ་ཞབས༎       ཇོ་འབྲོམ་ཡབ་སྲས་གསུམ་ལ་གུས་ཕྱག་འཚལ།།

五百頂飾具德燃燈智       噶當教法祖師種敦巴

智慧藏主雷必謝饒足       覺種父子三人誠禮敬 

གསང་སྔགས་མཛོད་འཛིན་མར་པ་ཆོས་བློ་དང་ ༎            ཚེ་གཅིག་ཟུང་འཇུག་མངོན་མཛད་མི་ལ་མཆོག།

གདམས་པའི་གཏེར་གྱུར་མཉམ་མེད་དྭགས་པོ་བ ༎          བཀའ་བརྒྱུད་མེས་པོ་གསུམ་ལ་གུས་ཕྱག་འཚལ།།

密續司庫馬爾巴大師       即世成就密勒日巴尊

教授寶藏無比塔波瓦       噶舉師徒三代誠禮敬

ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ༎                   རིན་ཆེན་རྣམ་རྒྱལ་ནམ་མཁའ་མཆོག་གྱུར་ཞབས།།

ཇོ་ནང་ཀུན་མཁེན་ཏཱ་ར་ནཱ་ཐ་་སོགས༎                         མཁས་གྲུབ་བླ་མ་རྣམས་ལ་གུས་ཕྱག་འཚལ།།

一切智者布敦仁欽竹       仁欽南杰南卡卻竹足

覺囊遍智多羅那他等       具學證諸上師誠禮敬

གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ༎                   དངོས་སྟོབས་རིགས་པའི་དབང་ཕྱུག་རྒྱལ་ཚབ་རྗེ།།

མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ༎              རྒྱལ་བ་ཡབ་སྲས་གསུམ་ལ་གུས་ཕྱག་འཚལ།།

開創雪域車軌宗喀巴       事勢論理自在賈曹傑

顯密教法主尊克主傑       勝者父子三尊誠禮敬