༄༅།།ཡིད་བཞིན་ནོར་བུའི་ཞབས་བརྟན།།
迴向文
གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ༎ ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱུལ་མཚོ་ཡི༎ ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
於此雪嶺所繞國土中 一切利益安樂之生處
滇津嘉措觀自在菩薩 願其常住直至生死盡
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ༎ ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན༎
ཕྱག་ན་བདྨོ་བསྟན་འཛིན་རྒྱ་མཚོ་ལ༎ གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།།
光顯空性悲愍雙運道 雪域聖教眾生依怙主
手持蓮花滇津嘉措尊 祈願心想事業任運成
བྱང་ཆུབ་སེམས་མཆོག་རིན་པོ་ཆེ༎ མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།
སྐྱེས་པ་ཉམས་པ་མེད་པ་ཡང་༎ གོང་ནས་གོང་དུ་འཕེལ་བར་ཤོག།
勝菩提心極珍貴 諸未生者令生起
令已發者不衰退 輾轉增上恆滋長
འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་༎ ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ༎
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར༎ དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ༎
文殊師利勇猛智 普賢慧行亦復然
我今迴向諸善根 隨彼一切常修學
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས༎ བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས༎
བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་༎ བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི༎
三世諸佛所稱歎 如是最勝諸大願
我今迴向諸善根 為得普賢殊勝行