★ 六月份上師薈供時間是6月22日(星期六),時間上午10:00 開始,歡迎大眾一起來共修。6月2日起至6/16期間格西拉有其他行程安排,所有課程暫停,造成不便之處,敬請見諒。javascript:void(0)

2022年8月22日 星期一

སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་བཞུགས་སོ།།二十一度母禮讚文

 

༄༅།། སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་བཞུགས་སོ།།

二十一度母禮讚文

ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ༎

               敬禮聖救度母尊

ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ༎                           སྤྱན་ནི་སྐད་ཅིག་གློག་དང་འདྲ་མ༎

འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི༎                      གེ་སར་བྱེ་བ་ལས་ནི་བྱུང་མ༎

頂禮奮迅救度母        目如剎那閃電光

三域怙主蓮花面        花蕊綻放從中現

ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ༎                              གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ༎

སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས༎                         རབ་ཏུ་ཕྱེ་བའི་འོད་རབ་འབར་མ༎

頂禮月色白度母        秋百滿月聚集臉

成千群星同匯聚        盡放威光極燦然

ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི༎                           པདྨས་ཕྱག་ནི་རྣམ་པར་བརྒྱན་མ༎

སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ༎                        བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ༎

頂禮紫磨金色母        蓮花莊嚴其妙手

布施精進苦行靜        安忍禪定行境性

ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར༎              མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ༎

མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི༎                                རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ༎

頂禮如來頂髻母        奉持無邊尊勝行

獲得無餘波羅蜜        一切佛子近依止 

ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས༎                                    འདོད་དང་ཕྱོགས་དང་ནམ་མཁའ་གང་མ༎

འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ༎                    ལུས་པ་མེད་པར་འགུགས་པར་ནུས་མ༎

頂禮都達拉吽母        聲遍欲色虛空界

其足壓伏七世間        皆能勾招盡無餘

ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ༎                            རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ༎

འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌༎                           གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ༎

頂禮帝梵恭奉母        火神風神自在供

鬼王起屍及尋香        夜叉眾會皆讚嘆

ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས༎                         ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ༎

གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ༎     མེ་འབར་འཁྲུག་པ་ཤིན་ཏུ་འབར་མ༎

頂禮勝伏他方母        札呸盡毀敵惑輪

右屈左伸足壓伏        盛燃熊熊烈火焰

ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས༎                           བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ༎

ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད༎                           དགྲ་བོ་ཐམས་ཅད་མ་ལུས་གསོད་མ༎

頂禮大怖救度母        都列摧盡凶猛魔

蓮花容顏現顰眉        無餘斬盡諸仇怨

ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི༎            སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ༎

མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི༎                      རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ༎

頂禮三寶嚴印母        手指當胸露威嚴

莊嚴無餘諸方輪        自之光芒普縈繞 

ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི༎                      དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ༎

བཞད་པ་རབ་བཞད་ཏུཏྟཱ་ར་ཡིས༎                               བདུད་དང་འཇིག་རྟེན་དབང་དུ་མཛད་མ༎

頂禮歡悅威德母        頂飾光鬘誠斑斕

極喜笑以都達拉        攝伏群魔與世間

ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས༎                   ཐམས་ཅད་འགུགས་པར་ནུས་པ་ཉིད་མ༎

ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས༎                                ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ༎

頂禮解厄聖度母        能召一切護地神

顰眉豎動發吽光        消除所有諸貧窮

ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན༎                         བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ༎

རལ་པའི་ཁྲོད་ན་འོད་དཔག་མེད་ལས༎                         རྟག་པ་ཤིན་ཏུ་འོད་རབ་མཛད་མ༎

頂禮月相冠冕母        一切飾品極璀璨

無量光佛髻中現        恆常光芒最耀眼

ཕྱག་འཚལ་བསྐལ་བའི་ཐ་མའི་མེ་ལྟར༎                         འབར་བའི་ཕྲེང་བའི་དབུས་ན་གནས་མ༎

གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི༎     དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ༎

頂禮烈焰聖度母        如末劫火住光鬘

右伸左屈喜姿態        擊毀一切諸敵軍

ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི།                            མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ༎

ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས༎                              རིམ་པ་བདུན་པོ་རྣམས་ནི་འགེམས་མ༎

頂禮顰眉聖度母        手掌壓地足踩踏

面露怒容發吽聲        擊破七重一切處 

ཕྱག་འཚལ་བདེ་མ་དགེ་མ་ཞི་མ༎                                མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ༎

སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས༎                                 སྡིག་པ་ཆེན་པོ་འཇོམས་པ་ཉིད་མ༎

頂禮安樂柔善母        寂滅涅槃行境性

真實咒語娑哈嗡        摧毀一切大罪惡

ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི༎                 དགྲ་ཡི་ལུས་ནི་རྣམ་པར་འགེམས་མ༎

ཡི་གེ་བཅུ་པའི་ངག་ནི་བཀོད་པའི༎                              རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ༎

頂禮明覺吽度母        眾會圍繞極歡喜

怨敵之身悉擊碎        十字莊嚴明咒吽

ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས༎                      ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ༎

རི་རབ་མནྡ་ར་དང་འབིགས་བྱེད༎                               འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ༎

頂禮震撼三界母        都列足踏吽種字

須彌曼達與賓陀        三世間界皆搖動

ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི༎                              རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ༎

ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས༎                              དུག་རྣམས་མ་ལུས་པ་ནི་སེལ་མ༎

頂禮滅毒聖度母        手持天海相皎月

誦二達拉及呸聲        無餘滅除一切毒

ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ༎                        ལྷ་དང་མིའམ་ཅི་ཡིས་བསྟེན་མ༎

ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས༎                           རྩོད་དང་རྨི་ལམ་ངན་པ་སེལ་མ༎

頂禮天王所敬母        天人非人咸依止

披甲歡喜之威德        遣除爭鬥與惡夢 

ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི༎                                 སྤྱན་གཉིས་པོ་ལ་འོད་རབ་གསལ་མ༎

ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས༎                                  ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ༎

頂禮消疫聖度母        日月雙眸光鮮明

誦二哈拉都達拉        消除劇猛瘟疫病

ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས༎                 ཞི་བའི་མཐུ་དང་ཡང་དག་ལྡན་མ༎

གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས༎               འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ༎

頂禮都列勝度母        由三真實所莊嚴

具寂滅力及真實        摧魔起屍夜叉眾

རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌༎                        ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།

此是根本咒讚頌        及二十一禮讚文

 

 

 

禮讚二十一度母利益

ལྷ་མོ་་ལ་གུས་ཡང་དག་ལྡན་པའི་༎                              བློ་ལྡན་གང་གིས་རབ་དད་བརྗོད་དེ༎

具深信慧恭敬禮        虔誠讚歎聖度母

སྲོད་དང་ཐོ་རངས་ལངས་པར་བྱས་ནས༎                       དྲན་པས་མི་འཇིགས་ཐམས་ཆད་རབ་སྟེར༎  

སྡིག་པ་ཐམས་ཅད་རབ་ཏུ་ཞི་བས༎                              ངན་འགྲོ་ཐམས་ཅད་འཇོམས་ཉིད་འཐོབ༎

從暮至晨作憶念        能濟一切無怖畏

息滅一切諸罪業        故摧一切諸惡趣 

རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས༎                            མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ༎

འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང་༎                             སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ།།

七俱胝之諸佛陀        速急能授與灌頂

此生能得大殊勝        究竟趣入佛果位

དེ་ཡིས་དུག་ནི་དྲག་པོ་ཆེན་པོ༎                                   བརྟན་གནས་པའམ་གཞན་ཡང་འགྲོ་བ།། 

ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་༎                          དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ༎

障彼猛烈諸毒藥        長時或者餘眾生

或諸毒食或毒飲        由念度母盡消除

གདོན་དང་རིམས་དང་དུག་གིས་གཟིར་བའི༎                 སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ༎

སེམས་ཅན་གཞན་པ་རྣམས་ལ་ཡང་ངོ༎                         གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན༎

斷除鬼魅或瘟疫        由毒痛之諸痛苦

以及其他諸有情        晝夜三時誦七次

བུ་འདོད་པས་ནི་བུ་ཐོབ་གྱུར་ཞིང་།།                             ནོར་འདིད་པས་ནི་ནོར་རྣམས་ཉིད་འཐོབ༎

འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཞིང་༎                   བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར་ཅིག།

欲求孩童得孩童        欲求財寶得財富

一切所欲皆能得        一切障礙不能侵