★ 六月份上師薈供時間是6月22日(星期六),時間上午10:00 開始,歡迎大眾一起來共修。6月2日起至6/16期間格西拉有其他行程安排,所有課程暫停,造成不便之處,敬請見諒。javascript:void(0)

2022年8月21日 星期日

མཎྜལ་འབུལ་བ 供養曼達

 

༄༅།། མཎྜལ་འབུལ་བ།།

供養曼達

ཨོཾ་བཛྲ་བྷུ་མི་ཨཱཿཧཱུཾ།    དབང་ཆེན་གསེར་གྱི་ས་གཞི།    ཨོཾ་བཛྲ་རེཁེ་ཨཱཿཧཱུཾ།

嗡班札補彌阿吽  大威黃金地基  嗡班札瑞克阿吽 

ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ།    ཤར་ལུས་འཕགས་པོ།    ལྷོ་འཛམ་བུ་གླིང་།

ནུབ་བ་ལང་སྤྱོད།    བྱང་སྒྲ་མི་སྙན།    ལུས་དང་ལུས་འཕགས།    རྔ་ཡབ་དང་རྔ་ཡབ་གཞན།

གཡོ་ལྡན་དང་ལམ་མཆོག་འགྲོ།  སྒྲ་མི་སྙན་དང་སྒྲ་མི་སྙན་གི་ཟླ།   

外周邊緣鐵圍山環繞之 中須彌山王  東勝身洲  南贍部洲 

西牛貨洲  北拘盧洲   身勝身洲  貓牛勝貓牛洲 

諂洲及上儀洲  勝邊洲以及有勝邊洲

རིན་པོ་ཆེའི་རི་བོ།    དཔག་བསམ་གྱི་ཤིང་།    འདོད་འཇོའི་བ།    མ་རྨོས་པའི་ལོ་ཏོག།

珍異寶大山  如意寶樹  滿願牛  不需耕種莊稼

འཁོར་ལོ་རིན་པོ་ཆེ།    ནོར་བུ་རིན་པོ་ཆེན།    བཙུན་མོ་རིན་པོ་ཆེ།    བློན་པོ་རིན་པོ་ཆེ།

གླང་པོ་རིན་པོ་ཆེ།    རྟ་མཆོག་རིན་པོ་ཆེ།    དམག་དཔོན་རིན་པོ་ཆེ།    གཏེར་ཆེན་པོའི་བུམ་པ།

珍異車輪寶  珍異如意寶  珍異王后寶  珍異大臣寶 

珍異大象寶  珍異良馬寶  珍異將軍寶  珍異大藏瓶寶

སྒེག་མོ་མ།    ཕྲེང་བ་མ།    གླུ་མ།    གར་མ།    མེ་ཏོག་མ།    བདུག་སྤོས་མ།    སྣང་གསལ་མ།

དྲི་ཆབ་མ།    ཉི་མ།    ཟླ་བ།    རིན་པོ་ཆེའི་གདུགས།    ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན།

妙姿天 花鬘天  歌天  舞天  鮮花天  末香天  燈明天 

塗香天 太陽  月亮  珍異寶傘  完全制勝十方寶幢 

དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་དྲིན་ཅན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། མཉམ་མེད་ཤཱཀྱའི་རྒྱལ་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཞིང་ཁམས་འབུལ་བར་བགྱིའོ།། ཁྱད་པར་དུ་ཡང་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པ་༼  དཔལ་བཟང་པོ་ཞལ་སྔ་ནས་ཐེག་པ་ཆེན་པོའི་གསུང་ཆོས་ཟབ་མོ་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་བགྱིའོ།།

其中,人天圓滿豐盛無不具足。以此奉獻具恩根本傳承賢德勝上師

,及無等釋迦法王之眷屬,特於體性與勝者遍主大金剛持無二之

[ 稱名 ] 德尊者前,恭敬奉上請求大乘甚深法義之獻禮。

ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ།  བཞེས་ནས་བདག་སོགས་འགྲོ་བ་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ།།

為眾生利故,請慈悲納受。

受此供已,請以悲心加持我等及盡虛空一切如母有情。

 (請法)

ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ༎                   རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།།

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས༎                   འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།   

妙香遍塗華散之大地       須彌四洲日月所莊嚴

淨如佛土我樂敬供養       願諸有情共享此淨土

རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི༎                          ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས༎

ཇི་ལྟར་མཚམས་པའི་གདུལ་བྱའི་འཛིན་མ་ལ༎                ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ༎

至尊最勝上師汝等眾       法身虛空布滿悲智雲

願於相稱所化之大地       隨順降下深廣妙法雨

ཨི་དཾ་གུ་རུ་རཏྣ་མཎྜ་ལ་ཁཾ་ནི་རྱ་དཱ་ཡ་མི།།

意當 咕魯惹那 曼遮那岡 尼雅達雅密


說法結束

ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ༎                   རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།།

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས༎                   འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།

妙香遍塗華散之大地       須彌四洲日月所莊嚴

淨如佛土我樂敬供養       願諸有情共享此淨土

བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས༎              བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་༎

ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི༎                     བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག།

願以我所積集此諸善       興隆聖教饒益諸眾生

特願至尊法王善慧稱       聖教心要恆常得顯揚

ཨི་དཾ་གུ་རུ་རཏྣ་མཎྜ་ལ་ཁཾ་ནི་རྱ་དཱ་ཡ་མི།།

意當 咕魯惹那 曼遮那岡 尼雅達雅密